ལག་ཆ་ UTFC
> UTFC ཡི་སྐོར།
> UTFC ཡི་ལག་ཆ།
> ཡིག་ཆའི་སྒྲིག་ཨང་།
> ཞབས་ཞུའི་ནང་དོན།
UTFC ཡི་སྐོར།
སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༨ལོའི་བར། ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ལ་བརྟེན་ནས་
ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་མཁན་བཀྲ་ཤིས་ཚེ་རིང་དང་ཀུན་ཕན་ཐེབས་ཚོགས་པའི་གཙོ་འཛིན་གཞོན་པ་ Eric Colombel གཉིས་ཀྱིས་སྤྱི་བཀོལ་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་གསར་གཏོད་བྱས།
རིན་མི་དགོས་པའི་ལག་ཆ་འདིས་སྒྲ་སྒྱུར་འཆར་གཞི་བཞི་དང་གསར་བྱུང་གི་བོད་ཡིག་གི་ཚད་ལྡན་སྒྲིག་ཨང་སོགས་སྒྲིག་ཨང་མི་འདྲ་བ་བཅུ་བདུན་གྱི་ཡིག་ཆ་ཕན་ཚུན་བར་སྟབས་བདེའི་ངང་བརྗེ་སྒྱུར་བྱེད་ཆོག་པ་ཡིན།
བརྗེ་སྒྱུར་མཉེན་ཆས་འདིས་ཡིག་ཆའི་རྣམ་གཞག་རིགས་བཞི་ལ་རྒྱབ་སྐྱོར་བྱེད་ཡོད་ནས་ཚད་གཞི་མི་འདྲ་སོ་སོའི་ཡིག་ཆ་ཕན་ཚུན་བར་སྟབས་བདེའི་ངང་བརྗེ་སྒྱུར་བྱེད་རྒྱུར་རྒྱབ་སྐྱོར་བྱེད། ཡིག་ཆའི་རྣམ་གཞག་དང་སྒྲིག་ཨང་གི་གནས་ཚུལ་དེ་ལས་མང་རྣམས་ཡིག་ཆའི་སྒྲིག་ཨང་ཟེར་བའི་དྲ་ངོས་དེ་ལ་གཟིགས་རོགས།
