ལག་ཆ། | དེབ་ཆུང་། | དཔྱད་གཞིའི་ཡིག་ཆ། | མི་ཚོགས།
སྤྱི་ལོ་༢༠༠༣ལོ་ནས་བཟུང་། ཀུན་ཕན་ཐེབས་རྩ་ཚོགས་ཀྱི་ནུས་ཤུགས་ཆེན་པོའི་རྒྱབ་སྐྱོར་ལ་བརྟེན་ནས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྤྱི་བཀོལ་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་གསར་གཏོད་དང་སྲུང་འཛིན་བྱས། བརྗེ་སྒྱུར་མཉེན་ཆས་འདི་ནི་བོད་ཡིག་སྤྱོད་མཁན་དང་པར་སྐྲུན་སྡེ་ཁག་རྣམས་ལ་རིན་མི་ལེན་པར་མཁོ་སྤྲོད་བྱེད་པའི་བོད་ཡིག་གི་རྣམ་གཞག་མི་འདྲ་བ་དང་སྒྲིག་ཨང་མི་འདྲ་བའི་ཡིག་ཆ་སོ་སོ་ཕན་ཚུན་པར་བརྗེ་སྒྱུར་བྱེད་པའི་ལག་ཆ་ཞིག་ཡིན།
སྤྱི་བཀོལ་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་(UTFC)ནི་རིན་མི་ལེན་པར་བཀོལ་སྤྱོད་བྱེད་དུ་འཇུག་པ་ཞིག་ཡིན་ཙང་། བཀྲ་ཤིས་ཚེ་རིང་དང་ཀུན་ཕན་ཐེབས་རྩ་ཚོགས་པ་གཉིས་ལས་སུས་ཀྱང་མཉེན་ཆས་དེ་སྤྱོད་མཁན་གྱི་མ་ཡིག་ཡིག་ཆ་དང་འགྱུར་ཡིག་ཡིག་ཆའི་ཐད་ལ་བོར་བརླག་གམ་གནོད་སྐྱོན་ཅི་བྱུང་ཡང་བརྗེ་སྒྱུར་གྱི་བྱ་བར་འོས་འགན་ཅི་ཡང་མི་འཁུར།
བརྗེ་སྒྱུར་མཉེན་ཆས་བེད་སྤྱད་ནས་ཁྱེད་རང་གིས་ཡིག་ཆ་དེ་ང་ཚོའི་ཞབས་ཞུའི་འཕྲུལ་ཆས་ལ་ཡར་འཇོག་བྱེད་རྒྱུར་ འཐད་པ་བྱུང་དགོས། དེ་མ་ཟད། ཞབས་ཞུའི་འཕྲུལ་ཆས་ཀྱིས་བརྗེ་སྒྱུར་གྱི་འབྲས་བུ་ཕྱིར་འབྱོར་ཆེད་ཁྱེད་ཀྱི་གློག་རྡུལ་ཡིག་སྒམ་མཁོ་སྤྲོད་བྱེད་རྒྱུར་ཡང་ཁྱེད་རང་འཐད་པ་བྱུང་དགོས།
གློག་རྡུལ་ཡིག་སྒམ་རྣམས་བསྡུ་བའི་དམིགས་ཡུལ་ནི་ཞབས་ཞུ་འཕྲུལ་ཆས་ཀྱི་བརྗེ་སྒྱུར་མཐའ་འབྲས་ཡིག་ཆ་ཁྱེད་ལ་གཏོང་དགོས་ཆེད་དུ་ཁོ་ན་ཡིན། བརྗེ་སྒྱུར་བྱེད་པར་འབྱོར་བའི་ཆ་འཕྲིན་གང་ཡིན་ཡང་ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱིར་མི་བཙོང་བ་མ་ཟད། ཉར་ཚགས་ཀྱང་གཏན་ནས་མི་བྱེད།