ལག་ཆ་ UTFC
བཀོད་བྱུས།
- མ་ཡིག་གི་ཡིག་གཟུགས་ཟེར་བའི་མར་འཐེན་རེའུ་མིག་ལས་མ་ཡིག་གི་སྒྲིག་ཨང་དང་སྒྲ་བསྒྱུར་བྱེད་ཐབས་འདེམས་རོགས།
- ཡིག་ཆའི་རྣམ་གཞག་ཟེར་བའི་མར་འཐེན་རེའུ་མིག་ལས་མ་ཡིག་གི་ཡིག་ཆའི་རྣམ་གཞག་འདེམས་རོགས།
༼ MS Word ཡི་ཡིག་ཆ་རྣམས་ RTF
རྣམ་གཞག་གིས་ཉར་ཚགས་བྱེད་དགོས།༽
- སྒྱུར་ཡིག་གི་ཡིག་ཆའི་སྒྲིག་ཨང་གི་མར་
འཐེན་རེའུ་མིག་ཁྲོད་ནས་བརྗེ་སྒྱུར་བྱས་པའི་ཡིག་ཆར་མཁོ་བའི་སྒྲིག་ཨང་གམ་བརྗེ་སྒྱུར་གྱི་ཐབས་ལམ་འདེམས་རོགས།
- སྒྱུར་ཡིག་གི་ཡིག་ཆའི་རྣམ་གཞག་གི་མར་འཐེན་རེའུ་མིག་ལས་བརྗེ་སྒྱུར་བྱས་པའི་ཡིག་ཆར་མཁོ་བའི་རྣམ་གཞག་འདེམས་རོགས།
- སྒྱུར་དགོས་པའི་ཡིག་ཆ་འདེམས་ནས་ཡར་སྐྱེལ་འཇོག་བྱེད་རོགས།
བརྗེ་སྒྱུར་བྱེད་ཆས་འདིས་ཀྲོའོ་༤
ཡན་གྱི་ཡིག་ཆ་བརྗེ་སྒྱུར་མི་བྱེད།
ཡིག་ཆ་འདིའི་རིགས་ཆ་ཤས་སོ་སོ་བྱས་ནས་བརྗེ་སྒྱུར་བྱེད་དགོས།
- ཁྱེད་ཀྱི་གློག་རྡུལ་ཡིག་སྒམ་ནང་འཇུག་བྱེད་རྒྱུ།
བརྗེ་སྒྱུར་བྱས་ཟིན་པའི་ཡིག་ཆ་ཁྱེད་ཀྱི་གློག་རྡུལ་ཡིག་ལམ་བརྒྱུད་ནས་བསྐུར་ཡོང་།
- སྲོལ་ཡིག་དང་དོན་ཚན་ཁག་དང་ལེན་བྱས་རྗེས་བརྗེ་སྒྱུར་བྱོས་ཟེར་བའི་མཐེབ་དེ་རྡེབས་རོགས།
- བརྗེ་སྒྱུར་བྱས་ཟིན་པའི་ཡིག་ཆ་དེ་ཡིག་ཆའི་ཆེ་ཆུང་གི་ཚད་ལ་གཞིགས་ནས་དུས་ཚོད་སྐར་མ་ཁ་ཤས་ནང་མཁོད་སྤྲོད་བྱས་པའི་གློག་རྡུལ་ཡིག་སྒམ་དུ་བསྐུར་ཡོང་།